བདག་འབའ

།རྒྱལ་པོ་ཆེན་པོ་འདི་ལྟར་མཁྱེན་པར་མཛོད་ཅིག
ཅི་ཙམ་དུ་སྲིད་པ་དང་བཅས་པའི་ཆོས་མཐར་འཇིག་པ་འོང་།
སྐྱེ་བ་ཡོད་ན་ངེས་པར་འཇིག་གོ
།སྡིག་པ་བྱས་ན་སེམས་ཅན་དམྱལ་བར་ལྟུང་གི
དགེ་བ་བྱས་ན་མཐོ་རིས་སུ་སྐྱེ་སྟེ།
སྐྱེ་བ་དང་འཇིག་པ་ནི་ཀུན་ལ་**སྲིད་ན་**ཅིའི་སླད་དུ་བདག་འབའ་ཞིག་གི་ཕྱིར་མྱ་ངན་གྱི་རྒྱ་མཚོར་ལྷུང་བ་མ་ཚོར

ཀུན་ལ་སྲིད་ན་་གྱི་དོན་དག་ག་རེ་རེད།
བདག་འབའི་་དོན་དག་ག་རེ་རེད།
མ་ཚོར་་གྱི་དོན་དག་ག་རེ་རེད།

ཀུན་ལ་སྲིད་ནཟེར་ན་མི་ཚང་མ་ཡོང་ཡ་ཞིག་རེད་ཟེར་བ་དང་།
བདག་འབའ་ཞིག་ལབ་ན་་་བདག་ཁོ་ན་ཟེར་བའི་དོན་རེད།
མ་ཚོར་ལབ་ན་མ་དྲན་ཞེས་པའི་དོན་རེད།