ལ་དོན་ར་ཡིག་བེད་སྤྱོད་གཏོང་སྟངས།

གཤམ་དུ་ཚིག་སྒྲུབ་གཉིས་ནང་གི་ལ་དོན་“ར་” ཡི་བེད་སྤྱོད་གཏོང་སྟངས་ཀྱི་འགྲེལ་བཤད་གནང་རོགས།

(ཀ) དྲང་སྲོང་།

ལུས་ངག་ཡིད་གསུམ་དྲང་པོར་སྲོང་(བྱས་)ནས་མི་དགེ་བའི་ལས་ཀ་མི་བྱེད་པ ་ས་ཆ་དབེན་པ་ལ་ཆོས་ཉམས་ལེན་བྱེད་མཁན་ལ་ཟེར།

(ཁ) བློ་བཟང་བྱེ་མ་དང་ཆུ་བསྲེ་རྒྱུར་དགའ་པོ་བྱུང་བ་རེད། བྱེ་མ་ཧྲོབ་ཧྲོབ་ཆགས་པ་ཁོ་དགའ་པོ་བྱུང་།

image.png

དཔེ་མཚོན་དང་པོ་གང་ལ་དོན་སྦྱར་ས་དྲང་དང་སྲོང་གཉིས་གཉིས་ངོ་བོ་གཅིག་ཡིན་པས། དེ་ཉིད་རེད།
དཔེ་མཚོན་གཉིས་པ། བློ་བཟང་ཆུ དང་བྱེ་མར་བསྲེ་རྒྱུར་དགའ། བློ་བཟང་དང་གང་ལ་དོན་སྦྱར་སའི་ཆུ་དང་བྱེ་མར་བསྲེས་པ་ངོ་བོ་ཐ་དད་ཡིན་པས། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་རེད། དཔེར་བརྗོད་ཐ་མ་ཡང་གཅིག་པ་རེད།