རྒྱུ།

གཤམ་དུ་ཚིག་སྒྲུབ་ནང་དུ། “རྒྱུ་” ཡི་དོན་དག་དང་སྤྱོར་སྟངས་གཉིས་འགྲེལ་བཤད་གནང་རོགས།

(1) ཁོ་ཚོ་ནང་དུ་མཆོད་མར་ལེན་དུ་འགྲོ་རྒྱུ་བྱས།

(2) སང་ཉིན་ང་ཚོ་འགྲོ་རྒྱུ་ཐག་ཆོད་པ་རེད།

(3) བདག་ལ་དྲིན་ལན་འཇལ་རྒྱུའི་འཚབ་ཏུ། དགྲ་བོ་ནང་བཞིན་དུ་ལྟ།

(4) ཚེ་ཐར། གཞན་གྱིས་གསོད་རྒྱུའི་སེམས་ཅན་ར་ལུག་སོགས་སྲོག་བླུ་གཏོང་སྲོལ་ཞིག

(5) འཕྱ་སྨོད་བྱ་རྒྱུ་མེད་པ།

(6) དབྱར་དགུན་རིང་ཐུང་དྲོ་གྲང་ལྡན་པའི་ས།།
ཉི་མ་ནམ་མཁའི་དགུང་དུ་སླེབས་པའི་དུས།།
ཁང་ཁྱིམ་མུན་པ་གྲིབ་སོ་འཁོར་རྒྱུ་མེད།།

(7) རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་འདོད་ན།།
སེམས་པའི་ཡུལ་ན་གཏི་མུག་ཤུལ་མེད་བཟོས།།
འདོད་ཆགས་ནག་པོ་རྒྱ་མཚོའི་གཏིང་ལ་བསྐྱུར།།
ཆགས་སྡང་ཞེ་སྟང་དམར་པོའི་མེ་ལ་སྤོར།།
བསམ་རྒྱུ་གཅིག་ལ་བསྒོམ་རྒྱུ་དྲན་**རྒྱུ་**གཅིག།

(8) དེ་འདྲའི་ས་རུ་འགྲོ་འདོད་ཡོད་ཟེར་ན།།
དགོས་རྒྱུའི་སྙིང་པོ་དོན་གྱི་རྡོ་ཁ་གསུམ།།

གཤམ་དུ་ཚིག་སྒྲུབ་གཉིས་ནང་དུ། “བྱ་ཚིག་ + རྒྱུ་” སྤྱོར་སྟངས་འདི་དང་ “བྱ་ཚིག་ + ཡ་” ཁྱད་པར་གང་ཡིན་ནམ།

(1) ཀུན་དགའ་དང་མེ་ཏོག་གཉིས་གཞན་ལ་རོགས་པ་བྱེད་རྒྱུར་དགའ་པོ་ཡོད།

(2) ལྷ་ཁང་བཞེངས་རྒྱུ

(3) ཁོང་གིས་མཆོད་ཐིགས་རྒྱག་རྒྱུ་འགོ་བཙུགས།

(4) བློ་བཟང་བྱེ་མ་དང་ཆུ་བསྲེ་རྒྱུར་དགའ་པོ་བྱུང་བ་རེད། བྱེ་མ་ཧྲོབ་ཧྲོབ་ཆགས་པར་ཁོ་དགའ་པོ་བྱུང་།

དཔེར་བརྗོད་འདི་དག་ཐམས་ཅད་ཁ་སྐད་ལ་བྱེད་ཡ་ཡིན་ཟེར་བ་དང་དོན་དག་གཅིག་པ་རེད། མི་འདྲ་ས་ནི་མཚན་མོ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ། མཚན་ལ་འགྲོ་བ་དང་། ག་ས་ག་ལ་འགྲོ་བ་ལ་གོ་བ་རེད།

རྒྱུ་ཞེས་པ་ནི། བྱ་བའི་མིང་དང་། ནོར་གྱི་མིང་གཉིས་སུ་འཇུག་ཅིང་། དེ་ཡང་སྔ་མར་མཚོན་ན་བྱེད་པ་པོ་དང་གཞན་དང་དངོས་སུ་འབྲེལ་བའི་བྱ་ཚིག་དང་། དེའི་ཁ་གཏད་བྱེད་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་ཚིག་གཉིས་ལས། དཔེར་ན། ཁབ་མིག་ཏུ་སྐུད་པ་རྒྱུ་བཞིན་འདུག ལམ་དུ་རྒྱུ་བའམ་འགྲོ་བའི་དོན། ནོར་ལ་རྒྱུ་ཞེས་བརྗོད་པ་དང་། ཡང་ས་བོན་ལ་རྒྱུ་ཞེས་བརྗོད་པ་ལྟ་བུའོ།།