ཕྱིན་སོང་། ཆགས་སོང་།

ཕྱིན་སོང་། ཆགས་སོང་།
དེ་གཉིས་ལ་ཁྱད་པར་གཙོ་བོ་ག་རེད་ཡོད་རེད།

དཔེར་ན།
སྡུག་ཏུ་ཆགས་སོང་། སྡུག་ཏུ་ཕྱིན་སོང་།
ཉུང་དུ་ཆགས་སོང་། ཉུང་དུ་ཕྱིན་སོང་།

དེ་ཚོའི་དོན་དག་གཅིག་པ་རེད་པས།

ཆགས་སོང་དང་ཕྱིན་སོང་གཉིས་ག་དུས་བེད་སྤྱོད་སྟངས་ཀྱི་རེད་པས།

དཔེར་བརྗོད་འདི་དག་གི་སྐབས་གཅིག་པ་ཡིན་ཡང་། ཚིག་སྦྱོར་ཐམས་ཅད་ཀྱི་སྐབས་གཅིག་པ་མ་རེད། ཤིང་སྡོང་ཆེན་པོ་ཆགས་འདུག །ཆེན་པོ་ཕྱིན་འདུག་མི་ཟེར། ལྷ་སར་ཕྱིན། ལམ་ལ་ཕྱིན། ལམ་ལ་ཆགས་མི་ཟེར། ད་དུང་དཔེ་མཚོན་མང་པོ་རེད།