རྡུལ་དང་དྲི་མ

བཅོམ་ལྡན་འདས་ཀྱིས་ཅི་རིགས་པའི་ཆོས་བསྟན་པས་རྡུལ་དང་དྲི་མ་ཟད་དེ་དགྲ་བཅོམ་པ་གྱུར་ཏོ།
།དེའི་མ་རྒན་མོ་ཡང་ཆོས་ཐོས་པས་ལན་ཅིག་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་ཏོ།

རྡུལ་དང་དྲི་མ་གཉིས་ཁྱེད་པར་ག་རེ་རེད།
དགྲ་བཅོམ་པ་གྱུར་ཏོ-------གྱུར་བྱེད་མེད་ལས་ཚིག་རེད། བྱེད་ཙང་དགྲ་བཅོམ་པ་ལ་གྱུར་ཏོ་ཡང་ན་དགྲ་བཅོམ་པར་གྱུར་ཏོ་རེད་པས།
ལན་ཅིག་གི་དོན་ཆོས་ཐོས་པས་ཐེངས་གཅིག་རེད་པས

སྤྱིར་བཏང་རྡུལ་ནི། ས་རྡུལ་དང་ཆུ་རྡུལ་ཟེར་བ། སའི་དུམ་བུ་ཆུང་ཆུང་ལ་ཟེར། ཤེལ་སྒོ་ལ་ཐལ་རྡུལ་འགོས་འདུག །ཕྱིས་ཤིེག ཁྱིམ་ལ་ཐལ་རྡུལ་གྱིས་གང་འདུག །གད་ཕྱིས་རྒྱོབ་ཟེར་བ་ལྟར། ཁ་སྐད་ལ་ཐལ་བ་དང་རྡུལ་བ་གཅིག་པ་རེད། དྲི་མ་ནི། ཟ་མ་དྲི་མ་སྡུག་པོ་བྲོ་བ་དང་། དྲི་མ་ཞིམ་པོ་འདུག་ཟེ་་བ་ལྟར། དྲི་མ་སྣ་ཏོག་གིས་ཚོར་བ་དང་། རྡུལ་ནི་མིག་གིལ་མཐོང་བ་ལ་ཟེར་བས་མི་འདྲ་བ་རེད།
སྐབས་འདི་ལ་རྡུལ་ནི་ཉོན་མོངས་པའི་རྡུལ་ལ་གོ་དགོས། སེམས་ཀྱི་དྲི་མ་དང་གཅིག་པ་རེད།
དགྲ་བཅོམ་པར་གྱུར་རེད། དགྲ་བཅོམ་པ་ལ་གྱུར་ཟེར་བ་དང་དོན་དག་གཅིག་པ་རེད།
སྐབས་འདིའི་ལན་གཅིག་ནི། སླར་ཡང་ཐེངས་མ་གཅིག་ཕྱིར་འོང་གི་མ་རེད་ཟེར་བ་རེད།
ཁ་སྐད་ལ་ཕྱི་རྒྱལ་ལ་སོང་ནས་ཐེངས་མ་གཅིག་ཀྱང་རྒྱ་གར་ཡོང་གི་མ་རེད་ཟེར་བ་དང་གཅིག་པ་རེད།
དག་ཆ་བཅོས་པ། ཁྱད་པར་ག་རེ་རེད།