བཏང་བ

བཅོམ་ལྡན་འདས་ཀྱིས་གསན་ནས།
དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་དེ་དག་ལ་ཐུགས་བརྩེ་བར་དགོངས་ཏེ།
དེ་དག་གི་སྲོག་བསྐྱབ་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་ཏེ།
རྒྱལ་པོ་ལ་གསོལ་བ་འདེབས་སུ་བཏང་བ་དང་།
རྒྱལ་པོས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་དེ་དག་བཏང་ངོ༌།

བཏང་བའི་དོན་ག་རེ་རེད།
གསོལ་བ་འདེབས་ཀྱི་བྱེད་པ་པོ་ཀུན་དགའ་བོ་རེད་པས།
བཏང་བའི་བྱེད་པ་པོ་སུ་རེད།
བཏང་ངོའི་བྱེད་པ་པོ་རྒྱལ་པོ་རེད་པས།

བཏང་། གཏོང་། བཏང་། ཐོངས་ཤིག །དུས་གསུམ་སྐུལ་ཚིག་བཅས་ཀྱི་དག་ཆ་འདི་རེད།
ང་ཚོས་ཅ་ལག་ཉོ་བར་ཕྲུ་གུ་གཏོང་བ་ཡིན་ཟེར་བ་ལྟར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་རྒྱལ་པོ་ལ་མི་ཁ་ཤས་སྲོག་སྐྱོབ་རོགས་ཟེར་ནས་རེ་བ་ཞུ་བར་བཏང་བ་རེད། གསོལ་བ་འདེབས་པ་པོ་ཀུན་དགའ་བོ་རེད། བཏང་བ་སྔ་མ་གཏོང་བ་པོ་བཅོམ་ལྡན་འདས་རེད། བཏང་བ་ཕྱི་མ་གཏོང་བ་པོའམ་བྱེད་པ་པོ་རྒྱལ་པོ་རེད།