དགུམ་པ

སངས་རྒྱས་གཤེགས་པའི་ཕྱོགས་སུ་ཕྱག་བཙལ་ཏེ།
ལྷའི་ནང་ན་གཙོ་བོ་ཐུགས་བརྩེ་བར་དགོངས་ཏེ་བདག་གི་བུ་དགུམ་པ་ལ་ཐུག་པ་འདིའི་སྐྱབས་མཛད་དུ་གསོལ་ཞེས་སྨྲས་པ

དགུམ་པ་དང་འཆི་བ་དང་གསད་པ་གསུམ་ཁྱེད་པར་ག་རེ་རེད
དཔེར་བརྗོད་རྒྱག་རོགས་གནང་།

དགུམ་པ་བསད་པའི་དོན་རེད། འདས་པ་ལ་བཀུམས་རེད། བསད་པ་བཀུམས་པ་གཉིས་ཀ་བྱེད་འབྲེལ་ལས་ཚིག་རེད། འཆི་བ་ནི་བསད་པའི་ཁ་གཏད་བྱེད་མེད་ལས་ཚིག་རེད། འདས་པ་ལ་ཤི། དཔེར་ན། ཕོ་བའི་ནད་ཀྱིས་ཤི། རྒྱལ་པོ་གླང་དར་མ་ལ་མདའ་བརྒྱབ་ནས་བསད། རྒྱ་ནག་རྒྱལ་པོ་དུག་བླུད་ནས་བཀུམས་ཟེར་བ་ལྟ་བུ།