བཀྲིས་

དེའི་ཚེ་གྲོང་ཁྱེར་དེ་ན་རྒན་མོ་ཞིག་ལ་བུ་རྟག་ཏུ་རྐུ་བ་གཉིས་ཤིག་ཡོད་དེ།
ནོར་བདག་གིས་ཟིན་ནས་ཞལ་ཆེ་བའི་མདུན་དུ་ཁྲིད་ནས།
ཁྲིམས་དང་སྦྱར་ནས་གསད་པ་ལ་ཐུག་ནས་རིགས་ངན་གྱིས་བཀྲིས་ཏེ་གསོད་པའི་གནས་སུ་ཁྲིད་པ་ལས།

བཀྲིས་ཀྱི་དོན་ག་རེ་རེད།
རིགས་ངན་བྱ་བའི་ཡུལ་རེད་ཡང་ན་བྱེད་པརེད།
རིགས་ངན་གྱི ------ག་རེ་བྱས་ནས་ས་ཡོད།

བཀྲིས་ནི། ཁྲིད་པའི་དོན་རེད། ད་ལྟ་བ་དང་། མ་འོངས་པ་ལ་བཀྲི་རེད། ནང་ཆོས་ནང་ལ་ཧ་ཅང་མང་བ་རེད།
མི་གསོད་གླ་ལེན་མཁན་ནི་རིགས་ངན་རེད། རིགས་ངན་བྱེད་པ་པོ་རེད། གསོད་སའི་ས་ཆ་ལ་ཁྲིད་པ་ཡིན་དུས་བྱེད་སྒྲ་ཐོབ་པ་རེད། གསད་ས་ལ་ཁྲིད་རྒྱུའི་མི་དེ་བྱ་བའི་ཡུལ་རེད།