རྣམ་ཤེས

རྣམ་ཤེས་ལབ་ན་ག་རེ་རེད།
ཀུན་གཞི་རྣམ་པར་ཤེས་པ་རེད་པས།

ག་རེ་བྱས་ནས་ནོར་རྫས་རྣམ་ཤེས་འཁྱེར་ཐུབ་གྱི་མིན་འདུག
ཡིན་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉམས་ལེན་བྱེད་པ་ཡིན་ན་སྐྱེ་བ་ཕྱི་མ་བསོད་ནམས་འཁྱེར་ཐུབ་གྱི་རེད།
ག་རེ་བྱས་ནས་རྣམ་ཤེས་བསོད་ནམས་ལ་འཁྱེར་ཐུབ་གྱི་རེད། བག་ཆགས་ལ་འཁྱེར་ཐུབ་གྱི་རེད།

1 Like

རྣམ་ཤེས་ལབ་ན་སེམས་དང་། རྣམ་ཤེས་ལ་དབྱེ་བ་དཔེ་མང་པོ་ཡོད་རེད། ཀུན་གཞི་རྣམ་ཤེས་ཟེར་བ་དེ་དེའི་ནང་གི་རྣམ་ཤེས་གཅིག་རེད། བྱས་ཙང་རྣམ་ཤེས་དེ་ཀུན་གཞི་མ་རེད། བསོད་ནམས་ཟེར་ན་རྣམ་ཤེས་ཀྱི་སྟེང་གི་དགེ་བའི་ནུས་པ་ཞིག་གོ་བས་ནོར་རྫས་ནང་བཞིན་མ་ཡིན་པ་སྐྱེ་བ་རྗེས་མ་ལའང་རྣམ་ཤེས་དང་མཉམ་དུ་ཁྱེར་ཐུབ་ཀྱི་རེད། བག་ཆགས་ཀྱང་དེ་བཞིན་དུ་ནུས་པ་ཞིག་ཡིན་པས་ཁྱེར་ཐུབ།