བློས་བཏང

ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ།
འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས། །
ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་འབོར། །
ཚེ་འདི**་བློས་བཏང**་རྒྱལ་སྲས་ལག་ལེན་ཡིན། །

ཤུལ་དུ་ལུས་བྱ་ཚིག་རེད་པས།
མགྲོན་པོ་འབོར་ པོ་ག་རེ་བྱས་ནས་་རེད།
བློས་བཏང་འདི་བློ་ག་རེ་བྱས་ནས་་རེད།

1 Like

ཤུལ་ཟེར་ན་རྗེས། དུ་ལ་དོན། ལུས་བྱ་ཚིག་ལྷག་པ་ལ་ཟེར། མགྲོན་པོས་ཟེར་དུས་མགྲོན་པོ་ཡིས་ཟེར་བ་དང་། ཡི་དེ་བསྡུས་ནས་པ་ཡི་རྗེས་སུ་ས་སྦྱར་པ་རེད།
དེ་བཞིན་དུ། བློས་བཏང་། བློ་ཡིས་བཏང་ ཡི་དེ་མེད་པ་བཟོས་ནས་བློས་ལབ་པ་རེད།