དྲང་སྲོང་རྒྱལ་པོའི་གཏམ་རྒྱུད།

རྒྱལ་སྲས་ལག་ལེན་འཛིན་གྲྭ་ནང་དུ་དྲང་སྲོང་རྒྱལ་པོའི་གཏམ་རྒྱུད།
མདོ་མཛངས་བླུན་གྱི་གཏམ་རྒྱུད་གཅིག་རེད།
ཡིན་ན་ཡང་གཏམ་རྒྱུད་ནང་དུ་རྒྱལ་སྲས་ཆུང་བ་ཡང་བཟོད་པ་བསྒོམས་ཀྱི་མེད།
བློན་པོ་ཚོས་ཡང་ཉམས་ལེན་བྱེད་ཀྱི་མེད།
དེ་མ་ཟད། གཏམ་རྒྱུད་མཐའ་མ་རྒྱལ་སྲས་ཆུང་བས་ང་སྐྱེ་བ་ནས་ ཚེ་རབས་ཐམས་ཅད་དུ་ ཁྱེད་རང་ཚོ་གསོད་མཁན་ཞིག་ལ་སྐྱེ་བར་ཤོག་དེ་འདྲ་ལབ་སོང་།
དེ་དངོས་གནས་གོ་བ་ལེན་ཤེས་ཀྱི་མེད་གཏམ་རྒྱུད་དེ་གོ་དོན་ག་རེད་རེད།
བྱས་ཙང་གཏམ་རྒྱུད་དེ་ང་ཚོས་ག་རེ་བྱས་ནས་སྦྱོང་དགོས་རེད།

གཏམ་རྒྱུད་དེ་ང་ཚོས་མཉམ་དུ་གཅིག་ལྟ་ན་ཡག་ས་རེད། ཡིན་ནའང་། ང་ཚོས་ཡག་པོ་མ་ཡིན་པ་དེ་ཡག་པོ་མ་ཡིན་ཤེས་པའི་ཐོག་ནས་རང་གིས་སྡུག་ཅག་མ་བྱེད་ན་དེ་ཡག་པོ་རེད། ད་དུང་སྡུག་ཅག་དེ་སྡུག་ཅག་ཡིན་པ་ཤེས་ཡ་དེ་དཔེ་གལ་ཆེན་པོ་རེད། དཔེར་ན་བདེན་པ་བཞིའི་ནང་ནས་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེ་པ་གཉིས་ཡག་པོ་མ་རེད་བ། ཡིན་ནའང་ང་ཚོས་དེ་གཉིས་ཤེས་ནས་སྤོང་ཡ་ཆེད་དུ་སྦྱོང་གི་ཡོད་རེད་བ། སྒྲུང་དེའི་དོན་གཙོ་བོ་གྲོགས་བཟང་པོ་དང་མཉམ་དུ་འགྲོག་དགོས་པ་བསྟན་གྱི་འདུག གྲོགས་ངན་པ་དང་མཉམ་དུ་འགྲོག་ན་རྒྱལ་སྲས་ཆུང་ནང་བཞིན་ཆག་གི་རེད།