སྒོ་གསུམ།

ན་མོ་ལོ་ཀེ་ཤྭ་ར་ཡེ།
གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་། །
འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པ། །
བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ། །
རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །

དེ་ནང་ལ་རྩ་ཚིག་བཞི་པ་དེ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ལབ་པ་ཡིན་ན།
སྒོ་གསུམ་ཀྱི་ ཕྱག་འཚལ་ལོ་ ཡི་ ག་རེ་བྱེད་དགོས་རེད་འདུག

1 Like

སྒོ་གསུམ་ལབ་ན། ལུས་ངག་ཡིད་གསུམ་རེད། ལུས་ཀྱིས་ཕྱག་ཐལ་མོ་སྦྱར་ནས་གུས་པ་བྱེད་པ་དང་། ངག་གིས་བསྟོད་ཚིག་བརྫོད་པ། ཡིད་ཀྱིས་གུས་པ་བྱེད་པའམ་དད་པ་བྱེད་པ་ལ་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་བ་ཟེར།