འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་དུ།
འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །

བདེ་དང་མི་བདེ་ སྙན་དང་མི་སྙན་དང༌། །

བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །

བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །

ཚིག་གྲུབ་མཐའ་མ་དེའི་དོན་ག་རེ་རེད།

*བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །*དེའི་དོན་ནི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན། བསྟོད་སྨད་སོགས་འཇིག་རྟེན་ཆོས་བརྒྱད་ལ་སེམས་ཀྱིས་བསམ་བློ་མི་གཏོང་བར་དང་། སེམས་ལ་དགའ་སྡུག་གི་ཕན་གནོད་མེད་པར་བསྟོད་སྨད་གང་བྱས་ཀྱང་ཁྱད་པ་མེད་པར་བལྟས་ནས་ཉམས་ལེན་བྱེད་དགོས་གསུང་གི་འདུག།