ཚེ་འདི་བློས་བཏང་།

ཆོས་སྒྲུབ་ཀྱི་ངོས་ནས། ཚེ་འདི་བློས་བཏང་དང་། སྲིད་གསུམ་བློས་བཏང་གི་ཁྱད་པར་འགྲེལ་བཤད་གནང་རོགས།

1 Like

ཚེ་འདི་བློས་བཏང་ཟེར་ན། ཚེ་འདིའི་བདེ་སྐྱིད་ལས་ཕྱི་མ་ཕན་ཆད་ཀྱི་བདེ་སྐྱིད་གལ་ཆེ་བྱེད་དགོས་པ་དང་། སྲིད་པ་གསུམ་བློས་བཏང་ཟེར་ན་ཚེ་འདི་ཙམ་མ་ཡིན་པ་འཁོར་བའི་གནས་གང་ལའང་ཆགས་པ་མེད་པར་ཆོས་སམ་ཐར་པ་དོན་དུ་གཉེར་བ་ལ་ཟེར།