མི་ལྡོག་པ་ཡི་སེམས་ཀྱིས་སུ། སེམས་དེ་ཡང་དག་བླངས་གྱུར་པ

བྱང་ཆུབ་སྨོན་པའི་སེམས་ལས་ནི། འཁོར་ཚེ་འབྲལ་བུ་ཆེ་འབྱུང་ཡང
ཇི་ལྟར་འཇུག་པའི་སེམས་བཞིན་དུ། བསོད་ནམས་རྒྱུན་ཆགས་འབྱུང་བ་མིན
གང་ནས་བཟུང་སྟེ་སེམས་ཅན་ཁམས། མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར
མི་ལྡོག་པ་ཡི་སེམས་ཀྱིས་སུ། སེམས་དེ་ཡང་དག་བླངས་གྱུར་པ

ཡང་དག་བླངས་གྱུར་པའི་གོ་དོན་ག་རེ་རེད།

1 Like

ཡང་དག་བླངས་ཟེར་ན་ཡང་དག་པ་ཉམས་སུ་བླངས་སུ་ལེན་པ་ཀ་ཟེར། དཔེ་ཡག་པོ་ཉམས་སུ་ལེན་པ་ལ་ཟེར།

བསོད་ནམས་རྒྱུན་ཆགས་འབྱུང་བ་མིན
གང་ནས་བཟུང་སྟེ་སེམས་ཅན་ཁམས།

འབྱུང་བ་མིན་ལབ་ན་ག་རེ་རེད།
གང་ནས་བཟུང་སྟེའི་དོན་ག་རེ་རེད།

1 Like

བྱང་ཆུབ་སྨོན་པའི་སེམས་བསྐྱེད་ན་བསོད་ནམས་ཆེན་པོ་ཡོད་རེད། ཡིན་ནའང་། འཇུག་པ་སེམས་བསྐྱེད་ནང་བཞིན་བསོད་ནམས་དཔག་ཏུ་མེད་པ་ཡོད་མ་རེད་ཟེར་བའི་དོན་དང་།

གང་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་བཟུང་ཟེར་བའི་དོན་རེད།