ཉམས་པ། ཉམས་འགྲོ་བ།

ཉམས་པ། ཡང་ན། ཉམས་འགྲོ་བ་ལབ་དུས།

ཉུང་རུ་འགྲོ་བ་དང་། ཤུགས་ཆུང་རུ་འགྲོ་བ་དེ། ཁྱད་ཆོས་ཡག་པོ་གཅིག་པོ་ལ་ལབ་ཀྱི་རེད་པས།
ཁྱད་ཆོས་སྡུག་ཅག་ལབ་ན་འགྲིག་ཀྱི་རེད་པས།

གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཤིང་།།
ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་པ།།

དེ་ལ་ཐོས་བསམ་སྒོམ་པ་ཉམས་པ་ལབ་ཀྱི་ཡོད་རེད།
“བཟོད་པ་བསྒོམས་ན་དུག་གསུམ་ཉམས་འགྲོ་ཡི་རེད། ” ལབ་ན་འགྲིག་གི་རེད་པས།

ཉམས་པ་ཟེར་ན་ཉམས་ཚར་བ་འདས་ཚིག །ཉམས་པར་འགྱུར་དང་ཉམས་འགྲོ་བ་གཉིས་མ་འོངས་པ་དང་ད་ལྟ་བ་ལ་འཇུག་པ་རེད། ཉུང་དུ་འགྲོ། ཤུགས་ཆུང་དུ་འགྲོ་