ཡོད་དང་རེད་ཀྱི་ཁྱད་པར་ག་རེ་རེད།

ངའི་སེམས་པ་གུ་ཡངས་པོ་ཡོད།
ང་ལ་སེམས་པ་ཞིག་གུ་ཡངས་པོ་ཡོད། ཡང་ན་ངའི་སེམས་པ་གུ་ཡང་པོ་ཡིན་ཟེར་ན་འགྲིག་གི་རེད་པས།

ང་དང་ང་ཚོ་ལ་ཡིན་འབྲི་དགོས། ཁྱོད་དང་ཁོང་ཚོ་སོགས་ལ་རེད་འབྲི་དགོས། དཔེར་ན། ང་ཚོ་བོད་པ་ཡིན། ཁོང་ཚོ་ཡང་བོད་པ་རེད། སེམས་པ་གུ་ཡངས་པོ་ཡོད་ལབ་ན་ཡག་གི་རེད། བརྡ་སྤྲོད་དང་མཐུན་པ་རེད། སེམས་པ་གུ་ཡངས་ཡིན། ཟེར་ནས་ལབ་མཁན་ཡོད་རེད།