དུས་གསུམ་རྣམ་གཞག་དང་མིང་ཚོབ

རྒན་ལགས་དུས་ཚོད་སྟོང་པ་རག་པ་ཡིན་ན་ལན་རྒྱབ་ན་འགྲིགས་ཀྱི་རེད

བྱ་ཚིག ཁྱེད་རང ཁོང
Is ང་ལྷ་མོ་ཡིན ཁྱེད་རང་ལྷ་མོ་རེད ཁོང་ལྷ་མོ་རེད
Is(feel) ང་འཁྱག་གི་འདུག ཁྱེད་རང་འཁྱག་གི་རེད ཁོང་འཁྱག་གི་ཡོད་རེད/འདུག(I have seen)
has ང་ལ་ཨ་ཅག་ཡོད ཁྱེད་རང་ལ་ཨ་ཅག་ཡོད་རེད/འདུག ཁོང་ལ་ཨ་ཅག་ཡོད་རེད/འདུག(I have seen)
do ང་ཆུ་འཐུང་གི་ཡོད ཁྱེད་རང་ཆུ་འཐུང་གི་ཡོད་རེད/འདུག ཁོང་ཆུ་འཐུང་གི་ཡོད་རེད/འདུག(I have seen)
Is doing ང་ཆུ་འཐུང་གིན་ཡིན/ང་ཆུ་འཐུང་བཞིན་པ་ཡིན/ང་ལས་ཀ་བྱེད་ཀྱི་ཡོད/ང་སྒོ་རྒྱག་གི་ཡོད ཁྱེད་རང་གིས་ཆུ་འཐུང་གིན་རེད/ཁྱེད་རང་གིས་ཆུ་འཐུང་བཞིན་པ་རེད/ཁྱེད་རང་་ཆུ་འཐུང་བཞིན་འདུག ཁོང་ཆུ་འཐུང་གིན་ཡོད་རེད/ཁོང་ཆུ་འཐུང་བཞིན་པ་རེད/ཁོང་གིས་ལས་ཀ་བྱེད་ཀྱི་འདུག/ཁོང་སྒོ་རྒྱག་གི་འདུག/ཡོད་རེད
Will do ངས་ཆུ་འཐུང་གི་ཡིན ཁྱེད་རང་གིས་ཆུ་འཐུང་གི་རེད ཁོང་གིས་ཆུ་འཐུང་གི་རེད
Will go to do ངས་ཆུ་འཐུང་ག་འགྲོ་གི་ཡིན ཁྱེད་རང་ཆུ་འཐུང་ག་འགྲོ་གི་རེད ཁོང་ཆུ་འཐུང་ག་འགྲོ་གི་རེད
Did ངས་ཆུ་བཏུངས་པ་ཡིན/ངས་ཆུ་བཏུངས་ཡིན ཁྱེད་རང་གིས་ཆུ་བཏུངས་སོང/ཁྱེད་རང་གིས་ཆུ་བཏུང་པ་རེད ཁོང་གིས་ཆུ་བཏུང་སོང(evidential)/ཁོང་གིས་ཆུ་བཏུང་པ་རེད(factive)/ཁོང་གིས་ཆུ་བཏུང་འདུག(reportative)/ཁོང་གིས་ཆུ་བཏུང་ཤག(reportative)
Went to do ང་ཆུ་འཐུང་གར་ཕྱིན་པ་ཡིན ཁྱེད་རང་ཆུ་འཐུང་གར་ཕྱིན་པ་རེད ཁོང་ཆུ་འཐུང་གར་ཕྱིན་པ་རེད/ཁོང་ཆུ་འཐུང་གར་ཕྱིན་སོང
Have been to ང་བོད་ལ་འགྲོ་མྱོང/ཡོད ཁྱེད་རང་བོད་ལ་འགྲོ་མྱོང་ཡོད་རེད ཁོང་བོད་ལ་འགྲོ་མྱོང་ཡོད་རེད
Have been doing ང་དེབ་བཀླགས་ནས་བསྡད་ཡོད ཁྱེད་རང་དེབ་བཀླགས་ནས་བསྡད་འདུག ཁོང་དེབ་བཀླགས་ནས་བསྡད་འདུག
On the way to do ང་ཟ་ཁང་ལ་འགྲོ་གི་ཡོད ཁྱེད་རང་ཟ་ཁང་ལ་འགྲོ་གི་ཡོད་རེད ཁོང་ཟ་ཁང་ལ་འགྲོ་གི་འགུད/ཡོད་རེད
Is at ང་ཟ་ཁང་ལ་ཡོད ཁྱེད་རང་ཟ་ཁང་ལ་ཡོད ཁོང་ཟ་ཁང་ལ་འདུག/ཁོང་ཟ་ཁང་ལ་ཡོད་རེད
Want to ང་སློབ་སྦྱོང་བྱེད་འདོད་ཡོད ཁྱེད་རང་སློབ་སྦྱོང་བྱེད་འདོད་འདུག/ཡོད་རེད ཁོང་སློབ་སྦྱོང་བྱེད་འདོད་འདུག/ཡོད་རེད
Like to do ང་ཇ་འཐུང་ཡ་ལ་དགའ་པོ་ཡོད ཁྱེད་རང་ཇ་འཐུང་ཡ་ལ་དགའ་པོ་འགུད/ཡོད་རེད ཁོང་ཇ་འཐུང་ཡ་ལ་དགའ་པོ་འགུད/ཡོད་རེད
The one do sth ང་མོ་ཊ་གཏོང་མཁན་ཡིན ཁྱེད་རང་མོ་ཊ་གཏོང་མཁན་རེད ཁོང་ཊ་གཏོང་མཁན་རེད
Plan to do ང་རྒྱ་གར་ལ་འགྲོ་རྩིས་ཡོད/ང་རྒྱ་གར་ལ་འགྲོ་རྩིས་བྱེད་ཀྱི་ཡོད ཁྱེད་རང་རྒྱ་གར་ལ་འགྲོ་རྩིས་འདུག/ཡོད་རེད ཁོང་རྒྱ་གར་ལ་འགྲོ་རྩིས་འདུག/ཡོད་རེད
Can do ངས་ཁ་ལག་བཟོ་ཐུབ་ཀྱི་ཡོད ཁྱེད་རང་ཁ་ལག་བཟོ་ཐུབ་ཀྱི་ཡོད་རེད/འདུག ཁོང་ཁ་ལག་བཟོ་ཐུབ་ཀྱི་ཡོད་རེད/འདུག
Need sth ང་ལ་ཆུ་དགོས་ཡོད ཁྱེད་རང་ལ་ཆུ་དགོས་རེད/ཡོད་རེད/འདུག ཁོང་ལ་ཆུ་དགོས་རེད/ཡོད་རེད/འདུག
Need to do ང་ཆུ་འཐུང་དགོས་ཡོད ཁྱེད་རང་ཆུ་འཐུང་དགོས་རེད/ཡོད་རེད/འདུག ཁོང་ཆུ་འཐུང་དགོས་རེད/ཡོད་རེད/འདུག
Need to go and do ང་ཁ་ལག་ཟ་གར་འགྲོ་དགོས་ཡོད ཁྱེད་རང་ཁ་ལག་ཟ་གར་འགྲོ་དགོས་རེད/ཡོད་རེད/འདུག ཁོང་ཁ་ལག་ཟ་གར་འགྲོ་དགོས་རེད/ཡོད་རེད/འདུག
Know how to do ང་ཁ་ལག་བཟོ་སྟངས་ཤེས་ཀྱི་ཡོད ཁྱེད་རང་ཁ་ལག་བཟོ་སྟངས་ཤེས་ཀྱི་རེད/ཡོད་རེད ཁོང་ཁ་ལག་བཟོ་སྟངས་ཤེས་ཀྱི་རེད/ཡོད་རེད/འདུག
Know whether or not is/has ཁོང་གྲྭ་བ་ཡིན་མིན་ངས་ཤེས་ཀྱི་ཡོད/ཁོང་ལ་དགའ་རོགས་ཡོད་མེད་ངས་ཧ་གོ་གི་ཡོད ཁོང་གྲྭ་བ་རེད་མིན་ཁྱེད་རང་གིས་ཤེས་ཀྱི་རེད/ཡོད་རེད/འདུག/ཁོང་ལ་དགའ་རོགས་ཡོད་མེད་ཁྱེད་རང་གིས་ཧ་གོ་གི་ཡོད་རེད/འདུག ང་གྲྭ་བ་ཡིན་མིན་ཁོང་གིས་ཤེས་ཀྱི་རེད/ཡོད་རེད/འདུག/ང་ལ་དགའ་རོགས་ཡོད་མེད་ཁོང་གི་ཧ་གོ་གི་རེད/ཡོད་རེད/འདུག
About to do ང་ནང་ལ་ཡོང་གྲབས་ཡོད ཁྱེད་རང་ནང་ལ་ཡོང་གྲབས་འདུག/ཡོད་རེད ཁོང་ཁ་ལག་བཟོས་ཚར་གྲབས་འདུག/ཡོད་རེད
It/s ready to be done ཁ་ལག་བཟས་ཆོག་ཆོག་ཡིན(I prepared) ཁ་ལག་བཟས་ཆོག་ཆོག་རེད(you prepared) ཁ་ལག་བཟས་ཆོག་ཆོག་རེད(others prepared)
Ready to do ང་ཁ་ལག་བཟས་ཆོག་ཆོག་ཡིན ཁྱེད་རང་ཁ་ལག་བཟས་ཆོག་ཆོག་རེད ཁོང་ཁ་ལག་བཟས་ཆོག་ཆོག་རེད/འདུག/ཤག
Was when ང་ཆུང་ཆུང་ཡིན་དུས་འཚུབ་པོ་ཡོད/ང་བོད་ལ་ཡོད་དུས་ཆང་འཐུང་གི་ཡོད ཁྱེད་རང་ཆུང་ཆུང་རེད་དུས་འཚུབ་པོ་འདུག/ཁྱེད་རང་བོད་ལ་ཡོད་དུས་ཆང་འཐུང་གི་འདུག ཁོང་ཆུང་ཆུང་ཡིན་དུས་འཚུབ་པོ་འདུག/ཁོང་བོད་ལ་ཡོད་དུས་ཆང་འཐུང་གི་འདུག
Do sth when doing ང་དེབ་ཀློག་དུས་ཇ་འཐུང་གི་ཡོད ཁྱེད་རང་དེབ་ཀློག་དུས་ཇ་འཐུང་གི་འདུག ཁོང་དེབ་ཀློག་དུས་ཇ་འཐུང་གི་འདུག
Do sth before doing ང་འཛིན་གྲྭ་མ་ཡོང་གོང་ལ་རང་སྦྱོང་བྱེད་ཀྱི་ཡོད ཁྱེད་རང་འཛིན་གྲྭ་མ་ཡོང་གོང་ལ་རང་སྦྱོང་བྱེད་ཀྱི་ཡོད་རེད ཁོང་ཁ་ལག་མ་བཟས་སྔོན་ལ་ལག་པ་འཁྲུད་ཀྱི་ཡོད་རེད
Do sth after doing ང་ཡར་ལངས་པའི་རྗེས་ལ་སོ་འཁྲུད་ཀྱི་ཡོད/ང་ཡར་ལངས་ནས་སོ་འཁྲུད་ཀྱི་ཡོད ཁྱེད་རང་ཡར་ལགས་པའི་རྗེས་ལ་སོ་འཁྲུད་ཀྱི་འདུག/ཡོད་རེད ཁོང་འཛིན་གྲྭ་གྲོལ་ནས་ནང་ལ་འགྲོ་གི་འདུག/ཡོད་རེད/ཁོང་འཛིན་གྲྭ་གྲོལ་བྱས་ནང་ལ་འགྲོ་གི་འདུག/ཡོད་རེད
Time to do sth ང་ཇ་འཐུང་གར་འགྲོ་རན་འདུག ཁྱེད་རང་ཇ་འཐུང་གར་འགྲོ་རན་འདུག ཁོང་ཇ་འཐུང་གར་འགྲོ་རན་ཡོད་རེད/འདུག/ཤག
Time to go ང་འཛིན་གྲྭ་ལ་འགྲོ་རན་འདུག ཁྱེད་རང་འཛིན་གྲྭ་ལ་འགྲོ་རན་འདུག/ཡོད་རེད ཁོང་འཛིན་གྲྭ་ལ་འགྲོ་རན་ཡོད་རེད/འདུག/ཤག
Do sth when have time ང་ལ་དུས་ཚོད་ཡོད་དུས་དེབ་ཀློག་གི་ཡོད ཁྱེད་རང་ལ་དུས་ཚོད་ཡོད་དུས་དེབ་ཀློག་གི་འདུག/ཡོད་རེད ཁོང་ལ་དུས་ཚོད་ཡོད་དུས་དེབ་ཀློག་གི་འདུག/ཡོད་རེད
Do sth when have free time ང་ལ་དུས་ཚོད་ཡོད་ན་དེབ་ཀློབ་གི་ཡོད ཁྱེད་རང་ལ་དུས་ཚོད་ཡོད་ན་དེབ་ཀློག་གི་འདུག/ཡོད་རེད ཁོང་ལ་དུས་ཚོད་ཡོད་ན་དེབ་ཀློག་གི་འདུག/ཡོད་རེད
Think can do ང་བོད་ལ་འགྲོ་ཐུབ་ས་རེད ཁྱེད་རང་བོད་ལ་འགྲོ་ཐུབ་ས་རེད ཁོང་བོད་ལ་འགྲོ་ཐུབ་ས་རེད
Do as adj as possible ངས་ཁ་ལག་གང་ཞིམ་ཞིམ་བཟོ་གི་ཡོད ཁྱེད་རང་གིས་ཁ་ལག་གང་ཞིམ་ཞིམ་བཟོ་གི་འདུག/རེད/ཡོད་རེད ཁོང་གིས་ཁ་ལག་གང་ཞིམ་ཞིམ་བཟོ་གི་འདུག/རེད/ཡོད་རེད
Is becoming ང་རྒྱགས་རུ་འགྲོ་གི་འདུག ཁྱེད་རང་སྐམ་རུ་འགྲོ་གི་འདུག ཁོང་ཡག་རུ་འགྲོ་གི་འདུག
Is forgetting to do ང་དངུལ་སྤྲོད་ཡས་བརྗེད་འགྲོ་གི་འདུག ཁྱེད་རང་དངུལ་སྤྲོད་ཡས་བརྗེད་འགྲོ་གི་འདུག ཁོང་དངུལ་སྤྲོད་ཡས་བརྗེད་འགྲོ་གི་འདུག