བཟའ་བ་དང་བཏུང་བ།

བཟའ་བ་དང་བཏུང་བ།
ག་རེ་བྱས་ནས་མིང་ཚིག་འདི་ཚོ། ད་ལྟ་བའི་བྱ་ཚིག་གི་བཟོས་བ་མ་རེད། མ་འོངས་པའི་བྱ་ཚིག་གི་བཟོས་བ་རེད།

དཔེར་ན།
ཉིན་ལྟར་བཟའ་བཏུང་མང་ཉུང་རན་པོ་བསྟེན་པ།

བྱ་ཚིག་འདིས་བྱ་བ་ཞིག་བརྗོད་བྱར་བྱས་པས། བྱ་བ་ལ་བྱས་ཟིན་པ་དང་། བྱེད་བཞིན་པ་དང་། བྱ་རྒྱུ་གསུམ་གསུམ་ཡོད་པས། སྐབས་སུ་བབ་པ་བརྗོད་བྱ་བ་བྱས་ཟིན་པ་བརྗོད་བྱར་བྱས་ན་འདས་ཚིག་ལས་གྲུབ་པའི་མིང་བེད་སྤྱོད་བྱེད་དེ། དཔེར་ན། སངས་རྒྱས་དང་། དགྲ་བཅོམ་པ་ལྟ་བུ། བྱ་བ་བྱས་ཟིན་པའི་ཆ་ནས་འདས་ཚིག་ལས་གྲུབ་པའི་མིང་བཏགས་པ་ལྟ་བུའོ།