བསྔོ་བ། ག་རེ་བྱས་ནས་ནམ་རྒྱུན་མ་འོངས་པ་བེད་སྤྱོད་མཐོང་གི་འདུག

ཚིག་མཛོད་ལས།
ད་ལྟ་བ། སྔོ།
འདས་པ། བསྔོས།
མ་འོངས་པ། བསྔོ།
སྐུལ་ཚིག སྔོས།
སྤྱིར་བཏང་གི་དུས་ལབ་ཀྱི་ཡོད་དུས། དུས་ད་ལྟ་བ་ལ་བེད་སྤྱོད་གཏོང་གི་མ་རེད་པས།
ག་རེ་བྱས་ནས་ནམ་རྒྱུན་ནས་(མ་འོངས་པ། བསྔོ།) ཡི་བེད་སྤྱོད་མཐོང་གི་འདུག (ད་ལྟ་བ། སྔོ།) མཐོང་གི་མི་འདུག

བསྔོ་བ་ནི། མ་འོངས་པ་ལ་ཡག་པོ་ཡོང་བར་ཤོག་ཟེར་ནས་སྨོན་ལམ་འདེབས་པ་ཡིན་པས། མ་འོངས་པའི་དག་ཆ་བྲིས་པ་རེད།

བསྔོ་བ་ནི། མ་འོངས་པ་ལ་ཡག་པོ་ཡོང་བར་ཤོག་ཟེར་ནས་སྨོན་ལམ་འདེབས་པ་ཡིན་པས། མ་འོངས་པའི་དག་ཆ་བྲིས་པ་རེད།

1 Like

བཤད་ཚོད་ཙམ་ལ་བྱ་ཚིག་གིས་བཟོས་པའི་མིང་མང་ཆེ་བ་ད་ལྟ་བ་ལས་གྲུབ་ཟེར་བ་རེད། འོན་ཀྱང་། དངོས་གནས་བྱས་ན་འདས་ཚིག་དང་མ་འོངས་པས་གྲུབ་པའི་མིང་ཧ་ཅང་མང་གི་རེད། ད་ལྟ་བས་གྲུབ་པའི་མིང་ཚིག་དེ་ཚོ་གཙོ་བོ་བྱེད་པ་པོ་དང་འབྲེལ་བའི་མིང་། བྱེད་པ་པོའི་ལག་ཆ་དང་འབྲེལ་བའི་མིང་བཅས་ད་ལྟ་བས་བཟོས་ན་ཏག་ཏག་ཡོད་རེད། བྱ་བ་དང་འབྲེལ་བ་ལ་མ་འོངས་པ་དང་། བྱ་བའི་ཡུལ་དང་འབྲེལ་བ་ལ་འདས་པས་བཟོས་ན་ཏག་ཏག་ཡོད་རེད། བྱེད་པ་པོ་དང་འབྲེལ་བ་སྐོར་མཁན། བྱ་བའི་ཡུལ་དང་འབྲེལ་བ་འཁོར་ལོ། བྱ་བ་དང་འབྲེལ་བ་བསྐོར་བ་ལྟ་བུ་རེད།
དེ་བཞིན། སྔོ་མཁན། བསྔོ་རྫས། བསྔོ་བ། སོགས་ཀྱང་དེ་ལྟར་རེད།

1 Like