ཟག་ཟད་ཀྱི་མངོན་ཤེས

ག་རེ་བྱས་ནས་ཕྱི་རོལ་མངོན་ཤེས་ལྔ་ཐོབ་ཐུབ་ཀྱི་རེད། ཡིན་ན་ཡང་ཟག་ཟད་ཀྱི་མངོན་ཤེས་ཐོབ་ཐུབ་ཀྱི་མ་རེད།

1 Like

ཟག་པ་ལབ་ན་ཉོན་མོང་པ་དང་། ཟག་པ་ཟད་པའི་མངོན་ཤེས་དེ་ཕྱི་རོལ་པ་དེ་ཚོས་ཉོན་མོང་སྤོང་མི་ཐུབ་པས་ཟག་ཟད་ཀྱི་མངོན་ཤེས་ཐོབ་མི་ཐུབ། བདག་མེད་པའི་ལྟ་བ་ཁས་མི་ལེན་པས། བདག་འཛིན་སྤོང་མི་ཐུབ། དེ་མ་ཐུབ་ན་ཉོན་གཞན་ཚང་མ་སྤོང་མི་ཐུབ། གང་ཡིན་ཟེར་ན་བདག་འཛིན་ཡོད་ན་ཉོན་མོང་གཞན་ཚང་མ་སྐྱེ་ཡོང་གི་རེད།