beautiful song སླིང་འབྲུག་མོ

中文翻译很美的感觉,可以练手哦

སླིང་འབྲུག་མོ

འབྲུག་མོ་ལྷ་ལ་མ་འཁྲུངས

འབྲུག་མོ་ཀླུ་ལ་མ་འཁྲུངས

འབྲུག་མོ་འབྲུག་གི་ལོ་ལ

གླིང་དཀར་སྟོད་ནས་འཁྲུངས་སོང

ཕར་འགྲོ་ཕར་ལ་སོང་ན་

ཕོ་བརྒྱའི་སེམས་པ་འཕྲོག་གིས

ཚུར་འགྲོ་ཚུལ་ལ་ཡོང་ན་

མོ་བརྒྱའི་སྙིང་རླུང་སློང་གིས

འབྲུག་མོ་ཧོར་ལ་མ་དབང་

འབྲུག་མོ་འཇང་ལ་མ་དབང་

འབྲུག་མོའི་ལུས་དང་ལང་ཚོ

ཇོ་རུའི་སྙིང་ལ་བསྟིམས་ཡོད།

ཕར་འགྲོ་གཡུལ་ལ་ཆས་དུས

སྐྱེལ་མའི་མཆོད་ཆང་བཏེགས་ཡོད

ཚུར་ཡོང་རྟ་ཁ་བསུ་དུས

གོམ་ཆུང་བྲེལ་བ་ལངས་ཡོད

ལས་འབྲེལ་ཐག་པ་ནག་པོ

གཡས་འཐེན་གཡོན་ལ་འཐེན་ཡང

དམ་ཚིག་རྡོ་རྗེའི་མདུད་པ

ནོར་བུའི་སྙིང་ལ་ཐེབས་ཡོད

དགྲ་ཇག་གུར་ལ་བསླེབས་ཀྱང

འཇིགས་པའི་ངུ་དངངས་མ་བྱས

ཐག་རིང་རྒྱང་ལ་འཁྱེར་ཀྱང

ཕ་ས་གོར་མོ་མ་བརྗེད

དགྲ་མགོ་ཐོ་བས་གནོན་པའི་

རོགས་དང་རམ་འདེགས་ཞུས་ཡོད

ནང་མི་བྱམས་ཀྱིས་སྐྱོང་བའི་

ཕྱུག་གི་རུ་མ་བྱས་ཡོད

སེང་ཆེན་རྒོད་པོ་ཡིན་ན

སེང་ལྕམ་གཤོག་ཡ་ཡིན་འདུག

མཛད་འཕྲིན་དགུང་ལ་བསྟོད་པའི་

ནང་གི་སྟོབས་ཤུགས་ཡིན་འདུག

1 Like