ལ་དོན། A རུ B མཐོང་།

རང་གི་རྣམ་པ་ཙམ་གྱི་ངོ་བོ་(རུ)།།
གཟོད་ནས་སྐྱེ་བ་མེད་པའི་རང་སེམས་མཐོང་།།
གང་གིས་ཀྱང་ནི་དེ་མཐོང་གྱུར་པ་དག།
དེ་ཡང་དེ་བཞིན་དུ་ནི་བལྟ་བར་བྱ།།

དེའི་ནང་ལ་(རུ)་ཡི་སྤྱོད་སྟངས་གསལ་པོ་ཧ་གོ་ཡི་མིན་འདུག།
A = རང་གི་རྣམ་པ་ཙམ་གྱི་ངོ་བོ
B = གཟོད་ནས་སྐྱེ་བ་མེད་པའི་རང་སེམས
A རུ B མཐོང་། དེ་འདྲ་པོ་རེད།
ཡིན་ན་ཡང་ལ་དོན་གྱི་སྤྱོད་སྟངས་ (A B རུ/ལ་མཐོང་)་མ་རེད་པས།

རང་གི་རྣམ་པ་ཙམ་གྱི་ངོ་བོ་(རུ)།།འདིའི་རུ་ནི་ལ་དང་དོན་གཅིག་ཡིན་པ་གང་ཞིག །ངོ་བོ་ཡི་བོ་དེ་མཐའ་མེད་དང་། རྐང་པ་སྐོང་དགོས་པ་དང་། སྡེ་སྦྱོར་བཅས་ཀྱི་དབང་གིས་ལ་མ་བྲིས་པ་ལ་དང་དོན་གཅིག་པའི་རུ་བྲིས་པ་རེད། རང་གི་རྣམ་པ་ཙམ་གྱི་ངོ་བོ།།ཞེས་དེ་ཙམ་བྲིས་ན་ཚིག་བཅད་རྐང་པ་མི་ཚང་བ་དང་། གཟོད་ནས་སྐྱེ་བ་མེད་པའི་རང་སེམས་་་རུ་་་་་མཐོང་།།ཟེར་ན་ཚིག་བཅད་རྐང་པ་ལྷག་འགྲོ་བ་དང་། དོན་ཡང་ཏོག་ཙམ་འགྱུར་འགྲོ་བ་བཅས་ལ་བརྟེན། རང་གི་རྣམ་པ་ཙམ་གྱི་ངོ་བོ་(རུ)།།ཟེར་ནས་བྲིས་པའོ།།